གསལ་བསྒྲགས།

Click here for .pdf (16 kb)

༄༅། ། བོད་ཀྱི་གསོ་བ་རིག་པའི་སྨན་གྱི་གཞུང་ཆེན་མང་པོར་གྲོ་བ་མིའི་ནད་རིགས་ཡོངས་བཅོས་ཐུབ་པའི་སྨན་སྦྱོར་གསལ་བ་ལྟར། བོད་ཀྱི་སྨན་རྩིས་ཁང་ནས་སྨན་གཞུང་བཞིན་སྦྱོར་སྐྲུན་བྱེད་མུས་ཀྱི་ཕྱི་ལུས་ཀྱི་སྐྲ་རྨ་པགས་གསུམ་གསོ་བྱེད་དང༌། ནང་གི་ལུས་སྟོབས་རྒྱས་པ། རླུང་མཁྲིས་བད་ཀན་སོགས་ལ་ཤིན་ཏུ་ཕན་པའི་སྨན་རྫས་ལས་གྲུབ་པའི་ཐོན་དངོས་རྣམས་འཛམ་གླིང་ས་ཕྱོགས་ཡོངས་ལ་ཁྱབ་སྤེལ་ཆེད་དུ། སྨན་དང་རིན་ཆེན་རིལ་བུ་ཕུད། ཐོན་དངོས་རྣམས་སྡེབ་ཚོང་ཞུ་རྒྱུའི་དངོས་གཞིའི་ལག་བསྟར་ཕྱི་ལོ་ ༢༠༡༣ ཟླ་ ༤ ཚེས་ ༡ ནས་ཡིན་པ། དེ་དོན་དགེ་རྩའི་ཚོགས་པ་དང༌། ཚོང་པ། སྨན་རྩིས་ཁང་གི་ལས་བྱེད་ཟུར་པ་བཅས་ནས་ཟུར་ཡོད་འགེངས་ཤོག་ཐོག་གོང་དུས་ནང་དེབ་སྐྱེལ་གནང་ཐུབ་ན་རབ་དང༌། དེ་མིན་ཕྱི་ཟླ་ ༤ རྗེས་སུའང་དེབ་སྐྱེལ་གནང་བློ་ཡོད་རིགས་ནས་གནང་ན་འཐུས་རྒྱུ་བཅས། བོད་ཀྱི་སྨན་རྩིས་ཁང་ནས་ཕྱི་ལོ་ ༢༠༡༢ ཟླ་ ༩ ཚེས་ ༤ ལ།།

C I R C U L A R

Click here for .pdf (16 kb)

As it is well Known that the great Tibetan medical pharmacology has the potential to cure all human diseases. Therefore , Men-Tsee-Khang, under its age-old pharmaceutical practices continue to work on propagating the potency of products that cure external ailment relating to hair, Wound , Skin and improve internal strength which are effective for the treatment of all diseases of wind, bile, and phlegm.

Apart from medicines and precious pills, the other products will be sold with wholesale pricing with effect from 01 Apr 2013.

Therefore all interested Charitable Organisations, Shops and former staff members of Men-Tsee-Khang, if possible, should register before the said date on a separate form provided along side. Registration can also be done after April.

Men-Tsee-Khang
4th September 2012