Publications
༄༅།།རྒྱུད་བཞིའི་བརྡ་བཀྲོལ་རྣམ་རྒྱལ་ཨ་རུ་རའི་ཕྲེང་བའི་མཛེས་རྒྱན། སྨན་གཞུང་འདི་ནི་སོག་པོ་ལུང་རིགས་བསྟན་དར་གྱིས་བོད་ཀྱི་གསོ་བ་རིག་པའི་དཔལ་ལྡན་རྒྱུད་བཞི་སློབ་སྦྱོང་དང་ལག་ལེན་བྱེད་སྐབས་ཀྱི་དངོས་ཚོར་དང་ཉམས་མྱོང་ལ་གཞིགས་ནས་རྒྱུད་བཞིའི་ཐ་སྙད་དང༌། བརྡ་དོན་གོ་དཀའ་བ་རྣམས་ཟུར་འདོན་གྱིས་ལེའུ་དང་ས་བཅད་ཀྱི་རིམ་པ་རྣམས་རྒྱུད་བཞི་གཞིར་བཟུང་འགྲེལ་བརྗོད་དང༌། གསེད་བཀྲོལ་མཛད་ཡོད། བོད་ཀྱི་གསོ་དཔྱད་རིག་པར་སློབ་སྦྱོང་དང་ཉམས་ཞིབ་བྱེད་མཁན་རྣམས་ཀྱི་དགོས་མཁོ་དང་བསྟུན་བོད་གཞུང་སྨན་རྩིས་གསོ་རིག་ཞིབ་འཇུག་སྡེ་ཚན་ནས་སྤྱི་ལོ་༢༠༠༤ ལོར་དེབ་གཟུགས་སུ་དཔར་བསྐྲུན་ཞུས་ཤིང༌། རྒྱབ་ཤ་སྤུས་ལེགས་དང་ཁྱོན་བསྡོམས་ཤོག་ངོས་༥༥༦ ཡོད།



<
For copies of all our publications, please contact;

Men-Tsee-Khang Exports
(Tibetan Medical & Astrological Institute )
PT-62/5, Kalkaji, New Delhi-110019, India

Tel: 0091-11-26214897/26436823
Fax: 0091-11-26211738
Email: mtkexports@vsnl.net / info@tibetan-medicine.org