Publications

༄༅།།འགྲོ་ཕན་སྨན་རྩིས་ཁང་གི་གདན་རབས་དྲི་མེད་ཤེལ་གྱི་མེ་ལོང༌། དཔེ་དེབ་འདི་ནི་བོད་གཞུང་སྨན་རྩིས་ཁང་སྨན་རྩིས་རིག་གཞུང་ཞིབ་འཇུག་སྡེ་ཚན་གྱི་སྨན་པ་དཀའ་བཅུ་པ་ཆོས་ལོ་ཐར་ནས་བརྩམས་བྲིས་གནང་བ་ཞིག་ཡིན་ལ། དེབ་འདིའི་ནང་ལེའུ་གཉིས་སུ་དེ་སྟེ་ལེའུ་དང་པོའི་ནང་རབ་བྱུང་བཅོ་ལྔ་པའི་མེ་འབྲུག་ལོར་སྤྱི་ལོ་༡༩༡༦ ལོར་ལྷ་ལྡན་སྨན་རྩིས་ཁང་དབུ་བརྙེས་པ་ནས་བཟུང་སྟེ་རབ་བྱུང་བཅུ་དྲུག་པའི་ས་ཕག་སྤྱི་ལོ་༡༩༥༩ ལོར་རྒྱ་གཞུང་གིས་བོད་ཀྱི་བདག་དབང་བཙན་འཕྲོག་མ་བྱས་དབར་གྱི་ལྷ་ལྡན་སྨན་རྩིས་ཁང་གི་གྲུབ་ཆ་དང༌། སློབ་ཕྲུག་གི་ཡོང་ཁུངས། སློབ་ཚན། སྒྲིག་གཞི། བོད་གཞུང་གིས་གཟིགས་སྐྱོང་འོག་འཚར་ལོངས་བྱུང་བའི་གནང་ཚུལ་སོགས་དང༌། ལེའུ་གཉིས་པའི་ནང་རབ་བྱུང་བཅུ་དྲུག་པའི་ལྕགས་གླང་སྤྱི་ལོ་༡༩༦༡ ལོ་ནས་བཟུང་རབ་བྱུང་བཅུ་བདུན་པའི་ལྕགས་འབྲུག་སྤྱི་ལོ་༢༠༠༠ དབར་གྱི་འཕེལ་རིམ་ལོ་རྒྱུས་སོགས་འཁོད་ཡོད།


For copies of all our publications, please contact;

Men-Tsee-Khang Exports
(Tibetan Medical & Astrological Institute )
PT-62/5, Kalkaji, New Delhi-110019, India

Tel: 0091-11-26214897/26436823
Fax: 0091-11-26211738
Email: mtkexports@vsnl.net / info@tibetan-medicine.org