Publications
༄༅།།གངས་ལྗོངས་གསཱུ་རིག་བསྟན་པའི་དར་རྒུད་ལས་འཕྲོས་པའི་གཏམ་ཡིད་ཀྱི་རོལ་ཆ། དེབ་འདི་ནི་བོད་གཞུང་སྨན་རྩིས་ཁང་གི་བང་སྟག་སྨན་པ་ཚེ་རིང་དོན་གྲུབ་ལགས་ཀྱིས་བརྩམས་བསྒྲིགས་གནང་བ་ཞིག་ཡིན་ཅིང༌། འདིའི་ནང་དོན་གཙོ་བོར་བོད་ནང་གསོ་བ་རིག་པའི་བསྟན་པ་ཇི་ལྟར་དར་ཚུལ་དང་ཉམས་རྒུད་ཇི་ལྟརུ་ང་ཚུལ་བཅས་སྙིང་བསྡུས་སུ་བཀོད་ཡོད། དེ་ཡང་ཐོག་མར་མིའི་སྤྱི་ཚོགས་ཀྱི་འཚོ་བའི་ནང་ལུས་ཁམས་ལ་ཕན་པའི་དངོས་རིགས་འདྲ་མིན་བེད་སྤྱོད་ཀྱི་མྱོང་གོམས་བརྒྱུད་གསཱུ་རིག་གི་རྨང་གཞི་ཆགས་ཚུལ་དང༌། སྔ་རབས་བོན་ཀྱི་བསྟན་པ་དར་བའི་སྐབས་སུ་གསོ་བ་རིག་པ་ཡང་དར་རྒྱསུ་ང་ཚུལ་དང༌། བར་དུ་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱི་སྐབས་བོད་དུ་ནང་ཆོས་དར་བ་དང་ཆབས་ཅིག་གསོ་བ་རིག་པའི་བསྟན་པ་ཡང་འཕེལ་རྒྱསུ་ང་ཚུལ། དེ་རྗེས་ྋགོང་ས་ལྔ་པ་ཆེན་པོ་དང་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པཱུའི་སྐུ་དུས་སུ་གསཱུ་རིག་གི་བསྟན་པ་འཕེལ་རྒྱསུ་ང་ཚུལ། ཁྱད་པར་དུ་དེང་ྋགོང་ས་སྐུ་ཕྲེང་བཅུ་བཞི་བ་ཆེན་པཱུའི་སྐུ་དུས་སུ་འཛམ་གླིང་ཡུལ་གྲུ་གང་སར་བོད་ཀྱི་གསཱུ་རིག་དར་ཁྱབ་འགྲོ་བཞིན་པ་བཅས་གསལ་ཡོད། ཤོག་གྲངས་ ༧༣

For copies of all our publications, please contact;

Men-Tsee-Khang Exports
(Tibetan Medical & Astrological Institute )
PT-62/5, Kalkaji, New Delhi-110019, India

Tel: 0091-11-26214897/26436823
Fax: 0091-11-26211738
Email: mtkexports@vsnl.net / info@tibetan-medicine.org