Publications

༄༅།། བོད་ཀྱི་གསོ་བ་རིག་པའི་འཚོ་བ་ཟས་སྐོམ་ལས་སྔོ་ཚལ་གྱི་ཕན་ཡོན་དང་ལག་ལེན། དཔེ་དེབ་འདི་ནི་བོད་གཞུང་སྨན་རྩིས་ཁང་ནད་བཅོས་ཉམས་ཞིབ་སྡེ་ཚན་གྱི་སྨན་པ་ཟུར་པ། སྨན་རམས་པ་གཡང་འབུམ་རྒྱལ་ནས་བརྩམས་བསྒྲིགས་བྱས་ཤིང༌། འདིའི་ནང་སྔར་ཡོད་དེང་སྤྱོད་དང་སྔར་མེད་གསར་བྱུང་གི་སྐྱེ་དངོས་སྔོ་ཚལ་རེ་རེའི་མིང་གི་ཐ་སྙད་རྣམས་བོད་དབྱིན་རྒྱ་གསུམ་ཤན་སྦྱར་གྱི་བཀོད་ཡོད་པ་དང༌། སྐྱེ་དབྱིབས་པར་རིས། བེད་སྤྱོད། རོ། ངོ་བོ། ཕན་ནུས། བསྟེན་དྲགས་པའི་སྐྱོན་ནམ་དོ་སྣང་བྱ་ཡུལ་སོགས་ཁ་གསལ་འཁོད་པའི་ཆེད་ལས་པ་དང༌། གཞི་རིམ་སྤྱི་ཚོགས་གཉིས་ཆར་བེད་སྤྱོད་ཡོད་པའི་འཕྲོད་བསྟེན་ལག་དེབ་ཅིག་ཡིན། དེབ་འདི་སྤྱི་ལོ་༢༠༠༤ ལོར་ནད་བཅོས་ཉམས་ཞིབ་སྡེ་ཚན་ནས་ཚོན་ཁྲའི་པར་རིས་སྟེང་དཔར་དུ་བསྐྲུན་ཞིང༌།

ཁྱོན་བསྡོམས་ཤོག་ངོས་༡༤༠ ཡོད།

For copies of all our publications, please contact;

Men-Tsee-Khang Exports
(Tibetan Medical & Astrological Institute )
PT-62/5, Kalkaji, New Delhi-110019, India

Tel: 0091-11-26214897/26436823
Fax: 0091-11-26211738
Email: mtkexports@vsnl.net / info@tibetan-medicine.org