༄༅།། ཟིན་ཏིག་བདུད་རྩིའི་ཐིགས་པ་དང་ཉེར་མཁོ་བསྡུ་པོད་བཻཌཱུརྱའི་ལྡེ་མིག སྨན་གཞུང་འདི་ནི་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་རབ་བྱུང་བཅུ་བཞི་པའི་ནང་མཛད་པའི་གསོ་དཔྱད་ཀུན་གྱི་སྙིང་པོ་འདུས་ཤིང་ལག་ལེན་སྤྱོད་བདེ་བའི་ཟིན་ཏིག་ཁྱད་དུ་འཕགས་པ་ཞིག་ཡིན། ཟིན་ཏིག་བདུད་རྩིའི་ཐིགས་པའི་ནང་ནད་རིགས་སྣ་ཚོགས་བཅོས་ཐབས་ཀྱི་སྡེ་ཚན་ཉེར་བཞི་དང༌། ཉེར་མཁོའི་བསྡུ་པོད་ནང་ནད་གཞི་སྣ་ཚོགས་བཅོས་ཐབས་ཀྱི་སྨན་གྱི་སྦྱོར་སྡེ་བཞི་བརྒྱ་ལྷག་ཡོད། བོད་ཀྱི་གསོ་དཔྱད་རིག་པའི་བསྟན་པའི་སྲི་ཞུར་དམིགས་ཏེ་བོད་གཞུང་སྨན་རྩིས་ཁང་གསོ་རིག་ཞིབ་འཇུག་སྡེ་ཚན་ནས་སྤྱི་ལོ་༢༠༠༤ ལོར་དེབ་གཟུགས་སུ་དཔར་དུ་བསྐྲུན་ཞིང༌། ཁྱོན་བསྡོམས་ཤོག་ངོས་༢༦༠ ལྷག་ཡོད།


For copies of all our publications, please contact;


Men-Tsee-Khang Exports
(Tibetan Medical & Astrological Institute )
PT-62/5, Kalkaji, New Delhi-110019, India

Tel: 0091-11-26214897/26436823
Fax: 0091-11-26211738
Email: mtkexports@vsnl.net / info@tibetan-medicine.org