Publications

སྨན་རྩིས་ཁང་གི་སྨན་རམས་པ་བསྟན་འཛིན་མཐའ་ཡས་ལགས་ཀྱིས་བསྒྱུར་བསྒྲིགས་གནང་པའི་སྐམ་ཁབ་དང་མེ་བཙའི་བཅོས་ཐབས་ (Acupuncture Therapy) ཀྱི་དེབ་འདི་ལེའུ་བརྒྱད་དུ་དབྱེ་སྟེ། སྐམ་ཁབ་ཀྱི་བྱུང་བ་མདོ་ཙམ་དང༌། སྐམ་ཁབ་རིག་པའི་རྨང་གཞིའི་ཤེས་བྱ། དོན་སྣོད་དང་རྩ་རྒྱུད་ཀྱི་རྣམ་བཤད། དེ་བཞིན་ནད་ཐོག་དངོས་སྤྱོད་རྩ་ཆེན་བཅུ་བཞིའི་སྟེང་གི་གསང་དམིགས་༣༦༡ དང་རྩ་ཕྱིའི་གསང་༧༡ བཅས་ཀྱི་གསང་གནས་དང་ཕན་ཡོན། ལག་ཐབས། གསང་གཞན་དང་སྡེབ་ཚུལ། ད་དུང་སྐམ་ཁབ་དང་འབྲེལ་བའི་རྣ་ཁབ་དང་མགོ་ཁབ། པགས་ཁབ། ཆུ་ཁབ། མེ་ཁབ། ལྔ་འདུས་ཁབ་ལེན་རྔུབ་ཁབ་སོགས་བཅོས་ཐབས་ཁག་བཅུ་གསུམ་གྱི་ལག་ལེན་དང་ཕན་ཡོན་བཅས་གསལ་འགྲེལ་བྱས་ཡོད། གཞན་ཡང་སྐམ་ཁབ་ཀྱིས་རྒྱུན་མཐོང་ནད་རིགས་༦༦ སོ་སོའི་ནད་རྟགས་དང་བཅོས་ཐབས། ལག་ཐབས་བཅས་གསལ་འགྲེལ་བྱས་ཡོད་ལ། དེར་མ་འདུས་པའི་ནད་རིགས་ཁག་༥༥ ལ་ཕན་པའི་གསང་སྡེབ་རྣམས་ཟུར་རྒྱན་དང་པོར་བཞག་ཡོད་པ་དང༌། དེའི་སྟེང་ཉེ་ལམ་བོད་ཀྱི་མཁས་པ་འགའ་ནས་བོད་ཀྱི་གསོ་རིག་གཞུང་ནང་ཁ་འཐོར་དུ་ཡོད་པའི་མེ་བཙའི་གསང་༡༦༨ ཕྱོགས་བསྒྲིག་གནང་པ་ཡང་ཟུར་རྒྱན་དུ་བཀོད་པ་སོགས་མདོར་ན་སྐམ་ཁབ་ཀྱི་ལག་ལེན་དང་འབྲེལ་བའི་རིག་པའི་ཤེས་བྱ་ཆ་གང་ཚང་དང་ཁ་གསལ་བྱེད་གང་ཐུབ་ཞུས་ཡོད་པས་སྐམ་ཁབ་སྦྱང་འདོད་ཡོད་པ་རྣམས་ལ་དགོས་འདོད་ཀུན་འབྱུང་ལྟ་བུའི་ཕན་ཐོགས་རྒྱ་ཆེ་ཡོང་ངེས་ཡིན་ནོ།།

For copies of all our publications, please contact;

Men-Tsee-Khang Exports
(Tibetan Medical & Astrological Institute )
PT-62/5, Kalkaji, New Delhi-110019, India

Tel: 0091-11-26214897/26436823
Fax: 0091-11-26211738
Email: mtkexports@vsnl.net / info@tibetan-medicine.org