Publications

བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་བཞུགས་སོ། རྒྱུད་བཞི།

རྒྱས་པ་འདིར་གཟིགས། སྨན་གཞུང་འདི་ཉིད་ནི་སྤྱི་ལོའི་དུས་རབས་བརྒྱད་པར་སྨན་རྗེ་གཡུ་ཐོག་ཡོན་ཏན་མགོན་པོས་བོད་ཀྱི་གསོ་བ་རིག་པའི་ཉམས་མྱོང་ཕྱོགས་བསྡོམས་ཐོག་འཕགས་ཡུལ་སོགས་ཕྱི་ཕྱོགས་ཀྱི་གསོ་བ་རིག་པའི་བཞེད་པ་བླངས་ཏེ་རྩོམ་སྒྲིག་མཛད་པ་ཞིག་རེད། གཞུང་འདི་དུམ་བུ་བཞིར་དབྱེ་ཡོད་པ་ནི་དང་པོ་རྩ་རྒྱུད་དང༌། གཉིས་པ་བཤད་རྒྱུད། གསུམ་པ་མན་ངག་རྒྱུད། བཞི་པ་ཕྱི་མ་རྒྱུད་བཅས་ཁྱོན་བསྡོམས་ལེའུ་བརྒྱ་དང་ལྔ་བཅུ་ང་དྲུག་ཡོད་པ་འདི་ཉིད་ནི་དེང་གི་ཆར་ཡང་བོད་ཀྱི་གསོ་བ་རིག་པར་སློབ་སྦྱོང་དང་ཞིབ་འཇུག་བྱེད་པར་ཁུངས་གཏུགས་སའི་རྩ་བའི་གཞུང་ལུགས་ཤིག་ཆགས་ཡོད་པར་བརྟེན། སྡེ་ཚན་འདི་ནས་གློག་ཀླད་ནང་བཅུག་བསྒྲིགས་དང་ཞུ་དག་ཞིབ་ནན་གྱིས་དེབ་གཟུགས་སུ་དཔར་བསྐྲུན་ཞུས་ཡོད།

རྩོམ་པ་པོ། གཡུ་ཐོག་ཡོན་ཏན་མགོན་པོ་གསར་མ།
ཤོག་གྲངས་ ༧༨༡


For copies of all our publications, please contact;

Men-Tsee-Khang Exports
(Tibetan Medical & Astrological Institute )
PT-62/5, Kalkaji, New Delhi-110019, India

Tel: 0091-11-26214897/26436823
Fax: 0091-11-26211738
Email: mtkexports@vsnl.net / info@tibetan-medicine.org