Publications

གཡུ་ཐོག་སྙིང་ཐིག་གི་ཆོ་ག་དངོས་གྲུབ་འདོད་རྒུའི་གཏེར། གཡུ་ཐོག་སྙིང་ཐིག་གི་ཆོ་ག་འདི་ཉིད་བོད་ཀྱི་གསོ་རིག་རྒྱུན་འཛིན་སྨན་པ་ཡོངས་ལ་ཤིན་ཏུ་ནས་དགོས་མཁོ་ཆེ་བའི་དཔེ་ཚན་བྱིན་རླབས་ཅན་ཞིག་ཡིན་པ་དང༌། བོད་གཞུང་སྨན་རྩིས་ཁང་གི་བཀའ་དགོངས་ལྟར་སྨན་རམས་པ་བསྟན་འཛིན་དཔལ་མཆོག་དམ་པ་དེ་ཉིད་ཀྱིས་ལྕགས་པོ་རི་ཚེ་ཡི་རིག་བྱེད་གླིང་གི་ཆོ་གའི་སྲོལ་རྒྱུན་གྱི་བྱིན་རླབས་མ་ཉམས་པ་གཞིར་བཟུང་རབ་བྱུང་བཅུ་བདུན་པའི་ལྕགས་རྟ་སྤྱི་ལོ་ ༡༩༩༠ ལོར་ཕྱག་ལེན་སྲོལ་གཏོད་གནང་བ་ནས་བཟུང་ད་ལྟའི་བར་ཟླ་རེ་ཆག་མེད་ཆོ་གའི་ཕྱག་ལེན་ཉམས་བཞེས་གནང་བཞིན་ཡོད་ཀྱང༌། ཡོངས་ཁྱབ་ཀྱི་དཔེ་རྒྱུན་དཀོན་པའི་ཁར་ད་ཡོད་ཀྱི་ཕྱག་དཔེ་རྣམས་ཡིག་འབྲུ་དེ་ཙམ་ཁ་གསལ་མེད་པ་དང༌། ཆོ་གའི་གོ་རིམ་རྣམས་ལ་མཆན་བཀོད་མེད་པས་གསར་བུ་བ་རྣམས་ཀྱིས་ཤེས་དཀའ་བ་སོགས་ཀྱི་རྒྱུ་མཚན་ལ་བརྟེན། གློག་ཀླད་ནང་བཅུག་བསྒྲིགས་དང་ཞུ་དག་ཞིབ་ནན་གྱིས་དཔེ་གཟུགས་སུ་དཔར་བསྐྲུན་ཞུས་ཡོད་པ་མ་ཟད། སྨན་སྒྲུབ་དྲང་སྲོང་དགོངས་རྒྱན་གྱི་དཔེ་ཚན་འདི་ཉིད་ཀྱང་བྱིན་རླབས་ཆེ་ཞིང་སྨན་སྒྲུབ་ཀྱི་ཆོ་གའི་ལག་ལེན་མི་ཉམས་གོང་འཕེལ་སླད་དགོས་གནད་ཆེ་བས་གཡུ་ཐོག་སྙིང་ཐིག་གི་ཆོ་གའི་སྟེང་རྗེས་སུ་ཁ་སྣོན་ཞུས་ཡོད།

ཤོག་གྲངས་༡༨༣
བླུ་ཡོན། རིན་མེད་འགྲེམས་སྤེལ།



For copies of all our publications, please contact;

Men-Tsee-Khang Exports
(Tibetan Medical & Astrological Institute )
PT-62/5, Kalkaji, New Delhi-110019, India

Tel: 0091-11-26214897/26436823
Fax: 0091-11-26211738
Email: mtkexports@vsnl.net / info@tibetan-medicine.org