Publications

བོད་ཀྱི་གསོ་བ་རིག་པའི་སྨན་རྫས་རྣམས་སྤྱོད་ཡུལ་སྨན་སྦྱོར་གང་དུ་གསལ་བ་བཙོ་སྦྱང་ཞུན་ཐིགས།

དཔེ་དེབ་འདི་ཉིད་ཀྱི་དགོས་མཁོ་གཙོ་བོ་ནི་ངོས་འཛིན་ཡོད་པའི་སྨན་རྫས་རྣམས་སྨན་སྦྱོར་གང་དང་གང་ནང་བེད་སྤྱོད་ཇི་ཙམ་ཡོད་མེད། འགྲོ་རྒྱུགས་ཆེ་ཆུང་སྐབས་ཐོག་ཤེས་བདེ་དང༌། སྨན་སྦྱོར་ལག་ལེན་བྱེད་མཁན་རྣམས་ལ་གྲགས་ཆེ་བའི་སྨན་སྦྱོར་དེབ་རིགས་འདྲ་མིན་ཡོད་པ་རྣམས་རེ་རེ་བཞིན་བལྟ་ཀློག་བྱ་མི་དགོས་པར་དེབ་འདིའི་ནང་གང་ཐུབ་བསྡུས་པ་རྒྱུན་དུ་དགོས་མཁོའི་སྨན་སྦྱོར་གྲངས་ཆིག་སྟོང་ཉིས་བརྒྱ་དྲུག་ཅུ་རེ་གཉིས་ཙམ་བཀོད་ཡོད་པ་མ་ཟད། བྱེ་བྲག་སྨན་རྫས་རེ་རེའི་དུག་འདོན་དགོས་རིགས་རྣམས་ཀྱང་སྐབས་ཐོག་སྨན་རྫས་སོ་སོའི་སྐབས་ཤེས་ཐུབ་པ་ཡོད། ལྷག་པར་དུ་གྲགས་ཆེ་བའི་ཕྱག་དཔེ་མང་པོ་ཞིག་ནང་སྦྱོར་ཚད་བཀོད་མེད་པས་ལག་ལེན་སྟབས་བདེ་ཡོང་ཆེད་སྨན་སྦྱོར་གལ་གནད་ཆེ་བ་མང་པོ་ཞིག་ལ་སྦྱོར་ཚད་གསར་བསྒྲིགས་ཞུས་ཡོད།

རྩོམ་སྒྲིག་པ། སྨན་པ་ཚེ་རིང་ནོར་བུ།

ཤོག་གྲགས། ༦༠༧
For copies of all our publications, please contact;

Men-Tsee-Khang Exports
(Tibetan Medical & Astrological Institute )
PT-62/5, Kalkaji, New Delhi-110019, India

Tel: 0091-11-26214897/26436823
Fax: 0091-11-26211738
Email: mtkexports@vsnl.net / info@tibetan-medicine.org