Publications

སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཕན་བདེའི་འབྱུང་གནས།

དཔེ་དེབ་འདིར་གཙོ་བོ་མཁས་དབང་མཁྱེན་རབ་ནོར་བུ་མཆོག་གིས་མཛད་པའི་སྨན་སྦྱོར་ནུས་པ་ཕྱོགས་བསྡུས་ཕན་བདེའི་ལེགས་བཤད་ནས་གསུངས་པའི་སྨན་གྱི་ཕན་ནུས་ཁག་དང༌། དེ་སྟེང་བོད་གཞུང་སྨན་རྩིས་ཁང་ནས་གསར་བཟོ་མཛད་པའི་སྨན་གྱི་ཕན་ནུས་ཁག དེ་བཞིན་ཕན་བདེ་ལེགས་བཤད་ནང་མ་ཚང་བའི་ཕན་ནུས་ཁག་བཅས་དེང་སྐབས་བོད་གཞུང་སྨན་རྩིས་ཁང་ནས་བཟོ་སྦྱོར་གནང་བཞིན་པའི་སྨན་ཡོངས་རྫོགས་ཀྱི་ཕན་ནུས་དང༌། བསིལ་དྲོད་ཀྱི་ངོ་བོ། བཟི་ཆེ་ཆུང་སོགས་ཕྱོགས་བསྡེབས་ཀྱིས་དཔར་རྩ་གློག་ཀླད་ནང་བཅུག་བསྒྲིགས་དང་ཞུ་དག་ཞིབ་ནན་གྱིས་དཔར་འདེབས་ཞུས་ཡོད།

རྩོམ་སྒྲིག་པ། སྨན་པ་སྤེན་པ་ཚེ་རིང༌།

ཤོག་གྲངས་༦༩



For copies of all our publications, please contact;

Men-Tsee-Khang Exports
(Tibetan Medical & Astrological Institute )
PT-62/5, Kalkaji, New Delhi-110019, India

Tel: 0091-11-26214897/26436823
Fax: 0091-11-26211738
Email: mtkexports@vsnl.net / info@tibetan-medicine.org